XTF: Search Form
    མཚན་བྱང་།
    མཛད་པ་པོ།
        བརྗོད་བྱ།

འདི་ནས་༧སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་གསུང་ཕབ་ལེན་བྱེད་ཐུབ།
བཀླགས་གྲངས།
80641
ངོ་དེབ།
NNI
༄༅། །སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ངོ་སྤྲོད།
སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་འདི་ནི་༸སྐྱབས་རྗེ་རིན་པོ་ཆེས་སྤྱི་ལོ་ ༡༩༧༨ ཟླ་ ཚེས་ ༡༧ བོད་རྒྱལ་ལོ་ ༢༡༠༥ ཟླ་བ་ པོའི་ཚེས་ ༡༠ ཉིན་གསར་དུ་དབུ་བཙུགས་གནང་། མཐོ་སློབ་འདི་ལ་ལོ་རིམ་སོ་སོའི་ཚོགས་ཁང་དང་། དགེ་རྒན་གྱི་ལས་ཤག་དང་སློབ་གཉེར་བའི་བཞུགས་ཤག་དང་། རྒྱུན་ལས་ཡིག་ཚང་། རུང་ཁང་དང་འདུས་པ་བྱིངས་ཀྱི་ཚོགས་ཁང་དང་གཙུག་ལག་ཁང་། ཆོས་མཛོད་ཁང་། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ཁང་། རིག་མཛོད་རྩིས་འཕྲུལ་སྡེ་ཚན། རྒྱལ་ཡོངས་རྙིང་མའི་ཚིག་མཛོད་སྡེ་ཚན། དཔལ་ཡུལ་ཚིག་མཛོད་རྩོམ་སྒྲིག སྔ་འགྱུར་རྙིང་མའི་ཞིབ་འཇུག་སྡེ་ཚན། པདྨ་མ་ཎི་སྒྲ་བསྒྱུར་སྡེ་ཚན། ཕྱག་དཔེ་བླུ་ཡོན་ཁང་། ཞི་འཚོའི་ཇ་ཁང་དང་ཚོང་ཁང་ཅི་རིགས་ཡོད།

དེའང་བཤད་གྲྭ་འདི་ལྟ་བུ་བཙུགས་དགོས་པའི་དམིགས་ཡུལ་ནི།

༸སྐྱབས་རྗེ་རིན་པོ་ཆེའི་ཞལ་ནས།   རྣམ་གྲོལ་གླིང་གི་དགོན་པ་བརྒྱབ་ནས་བཤད་གྲྭ་འདི་བཙུགས་ཡ་དེ་སངས་རྒྱས་བསྟན་པ་སྤྱི་དང་། ཁྱད་པར་སྔ་འགྱུར་རྙིང་མ་བའི་བསྟན་པ་དེ་བོད་ལ་ཆག་ཉམས་ཆེན་པོ་ཞིག་འགྲོ་ཚར་དུས། བསྟན་པ་དེ་གོང་འཕེལ་དུ་ཡོང་ཨེ་ཐུབ་བསམ་ནས། ཐོག་མར་ཁང་པའི་རྨང་བཞག་པའི་སྐབས་སུ་དེའི་བསམ་མནོ་བཏང་ནས་ལོ་གྲངས་ག་ཚོད་ལ་དཀའ་ངལ་བརྒྱབ་ཡོད་རེད། ཁྱེད་རང་རྣམས་ཀྱིས་མཁྱེན་བཞིན་པ་རེད། ཡིན་ནའང་ད་ལྟ་རང་གི་བསམ་པ་དང་མཐུན་པ་འདྲ་པོ་ཞིག་བྱུང་སོང་། ཞེས་སོ།།

གཞན་ཡང་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་ཞལ་ནས།

རྣམ་གྲོལ་གླིང་ལ་གཙོ་བོ་བཤད་གྲྭ་བཙུགས་ནས་ལོ་མང་པོ་སོང་ཡོད་རེད། དེ་ལ་བརྟེན་ནས་མཁས་པ་མང་པོ་ཐོན་གྱི་ཡོད། མཁས་དབང་དེ་ཚོས་བསྟན་པར་འཆད་སྤེལ་རྒྱ་ཆེར་མཛད་པ་དང་། རྙིང་མའི་བཤད་གྲྭ་བཙུགས་ཐུབ་ཚད་ཕལ་ཆེར་ལ་དགེ་རྒན་འདྲ་བཏང་ནས། དེ་འདྲ་ཞིག་གི་སྒོ་ནས་རྙིང་མའི་བསྟན་པ་ལ་ཞབས་ཕྱི་ཕྲན་བུ་རེ་འབྱོར་ཡོད་བསམ་གྱི་ཡོད། ཅེས་གསུངས་པ་ལྟར་བཤད་གྲྭ་འདི་ནས་འདི་ལོ་སྤྱི་ལོ་ ༢༠༡༩ ལོའི་བར་སློབ་མ་ ༣༢༧༧ གྱིས་སློབ་སྦྱོང་གི་གོ་སྐབས་དང་མཁན་པོ་ ༣༦༣ དང་།

སྤྱི་ལོ་༢༠༢༡ ལོའི་བར་སློབ་དཔོན་ངེས་གསང་ལེགས་བཤད་མཛོད་འཆང་བཞེས་མཁན་ ༡༢༣༢ ཙམ་བསླབ་པ་མཐར་སོན་ནས་བོད་དང་རྒྱ་གར་འབྲུག་བལ་ཡུལ་ཕྱི་རྒྱལ་སོགས་ཡུལ་གྲུ་དུ་མར་བསྟན་འགྲོའི་དོན་ལ་རང་རང་སོ་སོས་ནུས་ཚོད་དང་མཐུན་པའི་བྱ་བ་བྱས་དང་བྱེད་བཞིན་པའོ།།

༸སྐྱབས་རྗེ་གྲུབ་དབང་ཡིད་བཞིན་ནོར་བུའི་ཐུགས་དགོངས་དང་མཐུན་པར་གཙོ་བོ་མཁན་ཆེན་རྣམ་གསུམ་དང་མཆོག་གི་སྤྲུལ་སྐུ་རྣམ་གསུམ། གཞན་ཡང་མཁན་སློབ་རྣམས་ཀྱི་ལྷག་བསམ་ལ་བརྟེན་ནས་མཐོ་སློབ་འདི་དར་རྒྱས་སུ་འགྲོ་བཞིན་པ་དང་། སྔར་སྲོལ་ལྟར་སྤྱི་ལོ་ ༢༠༢༡ ལོའི་ནང་ལའང་མཁན་སློབ་གྲངས་ཞེ་གཉིས་ཀྱིས་དཔེ་ཁྲིད་དང་འཛིན་སྐྱོང་གནང་བཞིན་ཡོད།

མཐོ་སློབ་འདིར་འཛིན་རིམ་དགུ་ཡོད་ལ་དེ་དག་ནང་སྤྱི་ལོ་ ༢༠༢༡ ལོའི་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་སྤྲུལ་སྐུ་དང་དགེ་འདུན་པ་ཆིག་སྟོང་ལྷག་ཙམ་དང་དགེ་རྒན་བཞི་བཅུ་ཞེ་གཉིས་རྣམས་ཀྱིས་རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་སྔ་འགྱུར་བའི་བསྟན་པ་དྲི་མ་མེད་པ་འཇིག་རྟེན་གྱི་ཁམས་འདིར་ཡུན་ནས་ཡུན་དུ་གནས་པ་དང་སྐྱེ་འགྲོ་རྣམས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་དམིགས་ནས་འཆད་ཉན་ལ་འབད་བརྩོན་གནང་བཞིན་པ་ལགས་སོ།། །།

འཇིགས་བྲལ་སྔ་འགྱུར་བསྟན་པའི་རྒྱལ་མཚན་བསྒྲེངས། །ལུང་རྟོགས་ཆོས་ཀྱི་རྒྱལ་རྔ་ཕྱོགས་ཀུན་བསྒྲགས། །རིགས་ལམ་སེངྒེའི་ང་རོས་ས་གསུམ་ཁྱབ། །མཚུངས་མེད་དགེ་མཚན་སྣང་བ་རྒྱས་གྱུར་ཅིག།།